THDL Toolbox > Tibetan Scripts, Fonts & Related Issues > Conversion-Reversion For Tibetan Fonts > Converting to Tibetan Unicode with UDP - in Tibetan
བོད་ཡིག་ཡིག་གཟུགས་རྙིང་པ་རྣམས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ (Tibetan Unicode) ཡིག་གཟུགས་སུ་བརྗེ་བསྒྱུར་བྱེད་ཚུལ།
གལ་སྲིད་ཁྱེད་རང་གིས་གཤམ་གསལ་གྱི་ལམ་སྟོན་ཁག་ལག་ལེན་ཚུལ་བཞིན་བྱས་ན།གློག་ཀླད་ཐོག་ཡིག་གཟུགས་གསར་རྙིང་བརྗེ་བསྒྱུར་བྱེད་པ་ནི་ཁྱེད་རང་རང་ཉིད་ཀྱིས་བྱེད་ཐུབ་པ་ཞིག་རེད།ཁྱེད་རང་ལ་བོད་ཡིག་གི་ཡིག་གཟུགས་རྙིང་པ་སྟེ།དཔེར་ན་གཡུ་མཚོ་དང་སམ་བྷོ་ཊ།ཨེལ་ཊི་བེ་ཊན།ཊི་བེ་ཊན་མེ་ཤེན་ཝེབ་སོགས་ཀྱི་ནང་ཡིག་ཆ་ཡོད་པ་དེ་ཚོ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་བརྗེ་བསྒྱུར་བྱེད་ན།ཐོག་མར་ཁྱེད་རང་གི་གློག་ཀླད་ཀྱི་མཉེན་ཆས་དེ་ནི་ཝིན་ཌོ་སེ་ཐོན་གསར་པ་ཝི་སི་ཊ་ (Vista) ཡིན་ཤག་ཐོགདེའི་ནང་རང་གི་ཡིག་ཆ་རྙིང་པ་རྣམས་བྲིས་པའི་ཡིག་གཟུགས་རྙིང་པ་དེ་གསར་འཇུག་བྱས་པ་ཞིག་དགོས་པ་ཡིན།
དེ་ནས་ཁྱེད་རང་གིས་གྷོ་གྷེལ་ (www.google.com) གྱི་ནང་ནས་ UDP Tibetan ཞེས་འཚོལ་བའམ་ཡང་ན་ཟུར་གསལ་གྱི་དྲ་ཤོག་གི་ཁ་བྱང་ (http://udp.leighb.com/) བརྒྱུད་དེ།གཅིག་གྱུར་གསང་རྟགས་ཡིག་ཆ་བཟོ་ཐབས་ཟེར་བའི་མཉེན་ཆས་ (The Unicode Document Processor) དེ་ཕབ་བཤུ་བྱེད་དགོས་པ་ཡིན།དྲ་ཤོག་དེའི་ཐོག་སླེབས་དུས་ཁྱེད་རང་ལ་དགོས་མཁོ་ཆེ་བའི་གནས་ཚུལ་མང་པོ་ཡོད་པ་དང༌།ལྷག་པར་ཟུར་གྱི་རེའུ་མིག་དམར་པོའི་ཡོད་པའི་གནས་ཚུལ་དེ་ཚོ་ཀློག་ན་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།༼དཔར་རིས་༡༽
༼དཔར་རིས་༡༽ གཅིག་གྱུར་གསང་རྟགས་ཡིག་ཆ་བཟོ་ཐབས་ཟེར་བའི་མཉེན་ཆས།
གྲ་སྒྲིག་བྱེད་པ།
གལ་ཆེ་ཤོས་ Download UDP ཟེར་བ་འདི་ཕབ་བཤུ་བྱེད་དགོས་པ་ཡིན་ཞིང༌།དེར་བསྣུན་ཐེངས་གཅིག་གིས་ཤོག་ངོས་གསར་པ་ཞིག་ཁ་འབྱེད་ལ།དེའི་ནང་མཉེན་ཆས་རིགས་ཁ་ཤས་ཕབ་བཤུ་བྱེད་ཆོག་པ་ཡོད་པ་ལས།ཡག་ཤོས་ནི་ Download the complete UDP package ཟེར་བ་འདི་ཡིན།དེ་ལ་བསྣུན་ཐེངས་གཅིག་གིས་ཕབ་བཤུའི་མགོ་འཛུགས་ལ།ཕབ་བཤུ་མ་བྱེད་གོང་དུ།སྔོན་བརྡ་བཏང་ནས་མཉེན་ཆས་འདི་ལེན་ངེས་ཅན་ཡིན་ནམ་ཟེར་བ་ལ།ཁྱེད་ཀྱིས་ཡིན་ཞེས་འདམས་ནས་ཕབ་བཤུ་བྱེད་དགོས་པ་ཡིན།༼དཔར་རིས་༢༽
༼དཔར་རིས་༢༽ UDP ཕབ་བཤུ་བྱེད་སྟངས་སྣ་ཚོགས།
དེ་ནས་ཝི་སི་ཊ་གསར་པའི་ནང་ཁྱེད་ཀྱིས་འདི་ཏན་ཏན་ལེན་གྱི་ཡིན་ནམ་ཞེས་རེའུ་མིག་བཏོན་ཡོང༌།དེར་ཁྱེད་ཀྱིས་ལེན་ཆུགས་ཞེས་པའི་དབྱིན་ཡིག་ Allow འདམས་ནས་ལེན་དགོས་པ་རེད།
དེ་རྗེས་ UDP མཉེན་ཆས་གསར་པའི་གན་རྒྱའི་ཡིག་ཆ་སྟོན་པའི་རེའུ་མིག་ཅིག་ཐོན་གྱི་རེད།དེ་ལ་ངས་ངོས་ལེན་བྱེད་ཀྱི་ཡིན་ཟེར་བ་ I Accept དེ་འདམས་དགོས་པ་རེད།༼དཔར་རིས་༣༽
༼དཔར་རིས་༣༽ མཉེན་ཆས་གསར་པའི་གན་རྒྱའི་ཡིག་ཆ་དང་འཇུག་ས་སྟོན་པའི་རེའུ་མིག
དེ་ནས་ཡང་རེའུ་མིག་ཅིག་བསྟན་ནས་མཉེན་ཆས་གསར་པ་འདིའི་མཚོན་རྟགས་གློག་ཀླད་ཀྱི་མདུན་དུ་འཇོག་རྒྱུ་ཡིན་ནམ་ཞེས་དྲི་བ་འདོན་པ་དེར་ཡང་ཡིན་ཞེས་ལན་བཏབ་ཆོགདེའི་རྗེས་སུ་རེའུ་མིག་ཅིག་སླེབས་པ་དེ་ལ་ཡང་འགྲིག་གི་རེད་ཅེས་ལན་བརྒྱབ་ཆོགཡང་རེའུ་མིག་ཅིག་ཤར་བ་དེ་ལ་ཡང་འགྲིག་གི་རེད་ཅེས་ལན་བརྒྱབ་དགོས།དེ་རྗེས་རེའུ་མིག་ཅིག་ཤར་ནས་མཉེན་ཆས་གསར་པ་དེ་གློག་ཀླད་ནང་བཅུག་ཟིན་པ་དང་ཁྱེད་རང་གིས་དེ་བེད་སྤྱོད་བྱེད་ཀྱི་ཡིན་ནམ་ཞེས་དྲི་བ་གཏོང༌།དེ་ལ་ཡང་འགྲིག་གི་རེད་ Run ཅེས་ལན་བཏབ་ནས་མཉེན་ཆས་གསར་པ་དེ་བེད་སྤྱོད་བྱེད་དགོས་པ་རེད།གལ་སྲིད་ཅི་ཡང་མ་ཐོན་ན་ཤེལ་སྒོའི་འདབས་ངོས་ཀྱི་མཐའ་བྱང་ཐོག་ང་ཀློག་དང་ཅེས་པའི་དབྱིན་ཡིག་ “ReadMe.udp” ཡོད་མེད་ལ་གཟིགས་དང༌།དེ་འདྲ་ཡོད་ཚེ་དེ་ལ་བསྣུན་པ་བརྒྱུད་ཤོག་ངོས་དེ་མདུན་དུ་ལེན་དགོས་པ་རེད།
UDP མཉེན་ཆས་ཁ་ཕྱེ་དུས་སུ།ཐོག་མར་ཁྱེད་རང་འདེམས་བྱང་ཁྲོད་དུ་ཡོད་པའི་འདམས་ཀ་ Options ཞེས་པ་བརྒྱུད་ནས་ Font… ཡིག་གཟུགས་འདམས་དགོས་པ་རེད། Choose Unicode ཟེར་བ་དེ་ལ་བསྣུན་པ་བརྒྱུད་ནས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་དེ་འདམས་ཐུབ།༼དཔར་རིས་༤༽
༼དཔར་རིས་༤༽ UDP ནང་གི་ཡིག་གཟུགས་འདམས་ཀའི་རེའུ་མིག
དེ་ཡང་ཧི་མ་ལ་ཡའི་ཡིག་གཟུགས་དེ་ཡོངས་གྲགས་དར་ཁྱབ་ཆེ་བརྟེན་འདམས་ན་ལེགས་སྙམ།ཡིག་གཟུགས་ཆེ་ཆུང་ཡང་ཨང་གྲངས་༢༠ལས་མ་ཉུང་བ་ཞིག་འདམས་ན་ཀློག་བདེ་པོ་ཡོད།༼དཔར་རིས་༥༽
༼དཔར་རིས་༥༽ གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་འདམས་པ།
དེ་རྗེས་ OK ལ་བསྣུན་པ་དང་རེའུ་མིག་སྔོན་མ་དེར་སླེབས་ལ།དེའི་དཀྱིལ་དུ་ཁྱེད་རང་གིས་ཡིག་གཟུགས་ཀྱི་མིང་དང་ཆེ་ཆུང་གསལ་ཡོད།གལ་ཆེ་ཤོས་དེའི་མདུན་གྱི་ཡི་གེ་ Unicode ཟེར་བའི་སྔོན་དེར་འདམས་རྟགས་རྒྱག་རྒྱུ་བརྗེད་མི་རུང༌།༼དཔར་རིས་༦༽དེ་ནས་གཡོན་ཟུར་གྱི་ OK ལ་བསྣུན་དགོས་ལ།འདི་ནས་ཁྱེད་རང་གི་ UDP མཉེན་ཆས་དེ་བེད་སྤྱོད་བཏང་ཆོག་ཆོག་བཟོས་པ་རེད།
༼དཔར་རིས་༦༽ Unicode ཟེར་བའི་སྔོན་དེར་འདམས་རྟགས་རྒྱག་པ།
བོད་ཡིག་ཡིག་ཆ་བརྗེ་བསྒྱུར་བྱེད་པ།
ད་ནི་ཁྱེད་རང་གི་ཡིག་གཟུགས་རྙིང་པ་ཅན་གྱི་བོད་ཡིག་ཡིག་ཆ་དེ་ཁ་འབྱེད་དགོས།༼དཔར་རིས་༧༽
༼དཔར་རིས་༧༽ ཡིག་གཟུགས་རྙིང་པ་ཅན་གྱི་བོད་ཡིག་ཡིག་ཆ།
དེ་ཡང་ཡིག་གཟུགས་རྙིང་པ་དེ་ཁྱེད་རང་གི་གློག་ཀླད་དུ་ཡོད་དགོས་རྒྱུ་དེ་བརྗེད་མི་རུང༌།འདི་ནི་ཁྱེད་རང་གིས་མེ་ཁ་རོ་སོ་ཧྥ་ཊི་ (Microsoft Word) བེད་སྤྱོད་བྱེད་ཀྱི་ཡོད་ཤག་གིས་ཞུ་གི་ཡོད།ཁྱེད་རང་གིས་མེ་ཁ་རོ་སོ་ཧྥ་ཊི་ནས་ཐད་ཀར་ UDP མཉེན་ཆས་ནང་བརྗེ་སྒྱུར་བྱེད་མི་ཐུབ།དེས་ན།ཁྱེད་རང་ལ་མཉེན་ཆས་བར་མ་ཞིག་དགོས།དེ་ནི་ཡི་གེ་བྲི་བྱང་སྟེ་ WordPad ཟེར་བ་དེ་ཡིན།དེ་ནི་ཁྱེད་རང་གི་གློག་ཀླད་ནང་ཡོད་ཡོད་ཡིན།
ད་ནི་ཁྱེད་རང་ཡིག་གཟུགས་གསར་རྙིང་བརྗེ་སྒྱུར་བྱེད་རྒྱུའི་གྲ་སྒྲིག་ཚང་མ་བྱས་ཚར་པ་རེད།ཐོག་མར་ཁྱེད་རང་གིས་མེ་ཁ་རོ་སོ་ཧྥ་ཊི་ནང་ལ་ཡོད་པའི་ཡིག་ཆ་དེ་ངོ་བཤུས་བྱས་ཏེ་ WordPad ནང་ལ་འཁྱེར་དགོས།༼དཔར་རིས་༨༽
༼དཔར་རིས་༨༽ ཁྱེད་རང་གི་ཡིག་ཆ་རྣམས་ WordPad ནང་ལ་འཁྱེར་བ།
གལ་སྲིད་ Word Pad ནང་ཡོད་པའི་བོད་ཡིག་དེར་སྟོང་ཆ་འཕར་མ་ཡོད་པ་སོགས་འདུག་ན།དེ་ལ་ཐུགས་ཁྲལ་གནང་མི་དགོས།དེ་ཚོ་ UDP མཉེན་ཆས་ནང་ཡོང་གི་མ་རེད།དེ་ནས་ཁྱེད་རང་གི་ཡིག་ཆ་དེ་ཚོ་སླར་ UDP མཉེན་ཆས་ནང་ཕབ་དགོས།དེ་དུས་ཁྱེད་རང་གིས་རང་གི་ཡིག་ཆ་རྣམས་ཁྱོད་ཀྱིས་སྔོན་ལ་འདམས་ཟིན་པའི་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་རང་བཞིན་གྱིས་འགྱུར་འགྲོ་གི་རེད།༼དཔར་རིས་༩༽
༼དཔར་རིས་༩༽ གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་རང་བཞིན་གྱིས་འགྱུར་འགྲོ་བ།
དེ་ནས་དེ་ཚོ་བསྐྱར་དུ་ངོ་བཤུས་བྱས་ཏེ་མེ་ཁ་རོ་སོ་ཧྥ་ཊི་ནང་ལ་བསྐྱལ་དགོས་པ་ཡིན།ད་ནི་ཁྱེད་རང་གིས་ལམ་ལྷོང་དང་བཅས་ཁྱེད་ཀྱི་ཡིག་ཆ་རྣམས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་བརྗེ་བསྒྱུར་གྲུབ་པ་རེད།༼དཔར་རིས་༡༠༽
༼དཔར་རིས་༡༠༽ གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་ཡོད་པའི་ཡིག་ཆ།